圖登諾布仁波切

值此星橋愛心服務協會成立四十五週年誌慶之際,謹致上最誠摯的祝福與美好的祝賀!
四十五年來,貴會始終以慈悲為本,秉持服務大眾的精神,凝聚眾多善心人士與志工夥伴,關懷社會,扶助弱勢,以慈愛之手幫助需要幫助的人,將溫暖與希望送到每一個需要的角落。
慈悲,是利益眾生的根本;服務,是成就幸福最美好的實踐。願星橋愛心服務協會繼續以慈悲為心,以服務為行,不斷把愛與希望傳遞給更多的人,共同建設一個充滿溫暖、祥和與幸福的社會。
敬祝:
星橋愛心服務協會會務興隆、蒸蒸日上,
四十五週年誌慶圓滿成功!
圖登諾布 敬賀
2026年7月9日
སྐར་ཟམ་བྱམས་སྙིང་ཞབས་ཞུ་ཚོགས་པ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་རྗེས་དྲན་ལ་ཕུལ་བའི་ཤིས་ཚིག
སྐར་ཟམ་བྱམས་སྙིང་ཞབས་ཞུ་ཚོགས་པ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་དགའ་སྟོན་དུས་སུ། སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།
ལོ་ཞེ་ལྔའི་རིང་། ཚོགས་པ་འདིས་རྟག་ཏུ་སྙིང་རྗེ་གཞིར་བཞག་དང་། མི་མང་ཞབས་ཞུའི་བསམ་པ་བསྣམས་ཏེ། སེམས་བཟང་ཅན་མང་པོ་དང་། དང་བླངས་ཞབས་ཞུ་པ་མང་པོ་མཉམ་འཛོམས་བྱས་ནས། སྤྱི་ཚོགས་ལ་བྱམས་སྐྱོང་དང་། ཉམ་ཐག་པ་རྣམས་ལ་བརྩེ་བའི་ལག་རྐྱོང་བྱས་ཏེ། དྲོད་ཁོལ་དང་རེ་བ་མཁོ་བའི་གནས་ཀུན་ཏུ་སྤེལ་བ་ཡིན།
སྙིང་རྗེ་ནི་གཞན་ཕན་གྱི་རྩ་བ་ཡིན་ལ། ཞབས་ཞུ་ནི་ཕན་བདེ་སྒྲུབ་པའི་མཛེས་སྤྱོད་ཡིན། སྐར་ཟམ་བྱམས་སྙིང་ཞབས་ཞུ་ཚོགས་པས་མུ་མཐུད་དུ་བྱམས་བརྩེ་སེམས་སུ་བཅངས། ཞབས་ཞུ་ལག་ལེན་དུ་བསྟར་ཏེ། མི་མང་པོར་རེ་བའི་སྣང་བ་རྒྱུན་མི་ཆད་པར་སྤེལ་ཏེ། དྲོད་འཇམ་ལྡན་པའི་ཞི་བདེའི་སྤྱི་ཚོགས་མཉམ་དུ་བསྐྲུན་པར་ཤོག
ཤིས་སྨོན།
སྐར་ཟམ་བྱམས་སྙིང་ཞབས་ཞུ་ཚོགས་པའི་ལས་དོན་རྒྱས་ཤིང་དར་བ་དང་། ལོ་ཞེ་ལྔ་འཁོར་བའི་དགའ་སྟོན་ལེགས་པར་འགྲུབ་པར་ཤོག་ཅིག
༢༠༢༦ ལོའི་ཟླ་༧ཚེས་༩ཉིན་ཐུབ་བསྟན་ནོར་བུས་གུས་པས་ཕུལ།
